ཡུལ་ལུང་ཆུང་ཆུང་།
小小村落
ཚིག་གདངས། རྒྱན་མཚན་ནོར་བུ།
词曲:坚参罗布
གཞས་པ། རྒྱན་མཚན་ནོར་བུ།
演唱:坚参罗布
བརྗེད་ཐབས་མེད་པའི་ཡུལ་ལུང་ཆུང་ཆུང་གཅིག།
一片难忘的小小村落
བརྗེད་ཐབས་མེད་པའི་ཞིང་ཐང་གྲུ་བཞི་གཅིག།
一片难忘的田野
ཞིང་ཐང་དེ་མཐོང་དུས་ཨ་མའི་གཟུགས་བརྙན་དྲན།
看到那田野想起我阿妈的身影
ང་ཡི་དྲན་སེམས་ཞིང་ཐང་དེ་ལ་ཆགས།།
我的思绪飘荡在那田野上
བརྗེད་ཐབས་མེད་པའི་ཡུལ་ལུང་ཆུང་ཆུང་གཅིག།
一片难忘小小村落
བརྗེད་ཐབས་མེད་པའི་ཁང་བཟང་གྲུ་བཞི་གཅིག།
一间难忘的小小套房
ཁང་བཟང་དེ་མཐོང་དུས་ཨ་ཕའི་གཟུགས་བརྙན་དྲན།
看到那套房想起我阿爸的身影
ང་ཡི་དྲན་སེམས་ཁང་བཟང་དེ་ལ་ཆགས།།
我的思念定格在那套房上
བརྗེད་ཐབས་མེད་པའི་ཡུལ་ལུང་དེར།།
在那难忘的小村落
ངའི་ཨ་མའི་བྱམས་སྐྱོངས་ཡོད།
有我阿妈的关爱
བརྗེད་ཐབས་མེད་པའི་ཡུལ་ལུང་དེར།།
在那难忘的小村
ངའི་ཨ་ཕའི་བཀའ་དྲིན་ཡོད།
有我阿爸的恩情
བརྗེད་ཐབས་མེད་པའི་ཞིང་ཐང་དེར།།
在那难忘的小田野上
ངའི་ཨ་མའི་རྔུལ་ཁྲག་ཡོད།
有我阿妈的血汗
བརྗེད་ཐབས་མེད་པའི་ཁང་བཟང་དེར།།
在那难忘的小房里
ངའི་ཨ་ཕའི་རྔུལ་ཁྲག་ཡོད། རྔུལ་ཁྲག་ཡོད།
有我阿爸的血汗 阿爸的血汗
བོད་གཞས་གསན་པར་ཐུགས་རྗེ་ཆེ།
感谢您的聆听!
བརྗེད་ཐབས་མེད་པའི་ཡུལ་ལུང་ཆུང་ཆུང་དེར།།
一片难忘的小小村落
བརྗེད་ཐབས་མེད་པའི་ལམ་སྟོན་གནང་མཁན་གཅིག།
一个难忘的引领人
ཡུལ་དེ་ཡི་འཕོ་འགྱུར་མཐོང་དུས་ཁྱེད་ཀྱི་བཀའ་དྲིན་དྲན།
看到那小村落的巨变想起您为民谋利的恩情
ང་ཡི་ཞབས་དྲུང་བློ་བཟང་ཚུལ་ཁྲིམས་མཆོག།
我敬爱的夏冲洛桑次成
དཀའ་ངལ་ཡོད་པར་རོགས་རམ་ཁྱེད་ཀྱི་གནང་།
有难的是您出手帮忙您
འཇོན་ཐང་ཡོད་པར་རྒྱབ་སྐྱོར་ཁྱེད་ཀྱི་གནང་།
有成就的是您不懈支持
དུག་ཐ་མ་ཆང་རག་མེད་པའི་ཡུལ་ལུང་ཆུང་ཆུང་དེར།།
在那没烟酒禁欲的小村落
ཁྱེད་ཀྱི་བཀའ་དྲིན་ནམ་ཡང་བརྗེད་ཐབས་མེད།
您的恩情永生难忘
བརྗེད་ཐབས་མེད་པའི་ཡུལ་ལུང་དེར།།
在那难忘的小村落
ཁྱེད་ཉིད་ཀྱི་མཛད་རྗེས་ཡོད།
有您的功劳
བརྗེད་ཐབས་མེད་པའི་ཡུལ་ལུང་དེར།།
在那难忘的小村落
ཁྱེད་ཉིད་ཀྱི་བཀའ་དྲིན་ཡོད།
有您的恩情
བརྗེད་ཐབས་མེད་པའི་ཡུལ་ལུང་དེར།།
在那难忘的小村落里
ཁྱེད་ཉིད་ནི་བཀའ་དྲིན་ཆེ།།
您的恩德报效万一
སེམས་དཀར་བའི་ཡུལ་མི་ཚོས།།
善良的乡亲们
ཁྱེད་ཉིད་ཀྱི་བཀའ་དྲིན་དྲན། བཀའ་དྲིན་དྲན།
难以忘却您的恩情 您的恩情
བརྗེད་ཐབས་མེད་པའི་ཡུལ་ལུང་དེར།།
在那难忘的小村落
ཁྱེད་ཉིད་ཀྱི་མཛད་རྗེས་ཡོད།
有您的功劳
བརྗེད་ཐབས་མེད་པའི་ཡུལ་ལུང་དེར།།
在那难忘的小村落
ཁྱེད་ཉིད་ཀྱི་བཀའ་དྲིན་ཡོད།
有您的恩情
བརྗེད་ཐབས་མེད་པའི་ཡུལ་ལུང་དེར།།
在那难忘的小村落里
ཁྱེད་ཉིད་ནི་བཀའ་དྲིན་ཆེ།།
您的恩德报效万一
སེམས་དཀར་བའི་ཡུལ་མི་ཚོས།།
善良的乡亲们
ཁྱེད་ཉིད་ཀྱི་བཀའ་དྲིན་དྲན། བཀའ་དྲིན་དྲན།།
难以忘却您的恩情 您的恩情