加载失败
VIP

春的祝福

དཔྱིད་ཀྱི་སྨོན་ལམ།

春的祈祷

ཚིག་གདངས། དམངས་ཁྲོད།

词曲:民间

གཞས་པ། རྒྱལ་མཚན་ནོར་བུ།

歌手: 坚参罗布

དཔྱིད་གསུམ་དཔྱིད་ཀྱི་དཔྱིད་ཟླ་དང་པོ་ཤར་ཡ་ལ་དུས།

在这春暖花开的季节

ལུང་ཤོངས་རེ་རེའི་ནང་ལ་ལྕང་མ་རེ་རེ་བཙུགས་ཡོད།

每一条沟里种植一棵树

ཡ་ལ་འོ་ན་…ལུང་ཤོངས་རེ་རེའི་ནང་ལ་ལྕང་མ་རེ་རེ་བཙུགས་ཡོད།

呀啦喔呐…每一条沟里种植一棵树

ལྕང་མ་བརྒྱ་དང་བརྒྱ་བཅུ་ཐམ་པའི་དཀྱིལ་ཡ་ལ་ནས།

在一百八十棵树中

ངའི་ལྷ་ཤིང་ཤུག་པ་སྐྱེ་བཟོ་གཞན་ལས་དོད་པ།

再怎么好也比不上那神木柏树的长势

ཡ་ལ་འོ་ན་…ཤིང་བཟང་ལྷ་ཤིང་ཤུག་པ་ནོར་བུ་གླིང་ལ་འཁྲུངས་ཞག།

呀啦喔呐…那迷人长势的柏树生于罗布林卡

ནོར་བུ་གླིང་ལ་ནོར་བུ་མིན་འདུག་མ་ཡ་ལ་གསུངས།

别说罗布林卡没有宝贝

ངའི་རྩ་བའི་བླ་མ་ནོར་བུ་མིན་ན་གང་ཡིན།

那无敌活佛不是宝贝又能是什么

ཡ་ལ་འོ་ན་…སེར་གྱི་དྲོད་འཇམ་ཉི་མ་ནོར་བུ་མིན་ན་གང་ཡིན།

呀啦喔呐…就那金色阳光不是宝贝又能是什么

བོད་གཞས་གསན་པར་ཐུགས་རྗེ།

感谢您的聆听

དཔྱིད་གསུམ་དཔྱིད་ཀྱི་དཔྱིད་ཟླ་གཉིས་པ་ཤར་ཡ་ལ་དུས།

在这春暖花开的季节

ལུང་ཤོངས་རེ་རེའི་ནང་ལ་ཆུ་སྣ་རེ་རེ་རྒྱུག་ཀྱིས།

每一条沟里流着一条条河流

ཡ་ལ་འོ་ན་…ལུང་ཤོངས་རེ་རེའི་ནང་ལ་ཆུ་སྣ་རེ་རེ་རྒྱུགས་ཀྱིས།

呀啦喔呐…每一条沟里流着一条条河流

ཆུ་སྣ་བརྒྱ་དང་བརྒྱ་བཅུ་ཐམ་པའི་དཀྱིལ་ཡ་ལ་ནས།

在一百八十条河流中

ངའི་སྐྱིད་ཆུ་སྔོན་མོ་རྒྱུགས་བཟོ་གཞན་ལས་དོད་པ།

再怎么好也比不上那拉萨河的流势

ཡ་ལ་འོ་ན་…ལྷ་སའི་སྐྱིད་ཆུ་སྔོན་མོ་ལྷ་སའི་གཞུང་ནས་རྒྱུགས་སོང་།

呀啦喔呐…那拉萨河从拉萨流势

ལྷ་སའི་གཞུང་ལ་ནོར་བུ་མིན་འདུག་མ་ཡ་ལ་སོང་།

别说圣洁拉萨没有宝贝

ལྷ་སའི་ཇོ་བོ་ཆེན་པོ་ནོར་བུ་མིན་ན་གང་ཡིན།

拉萨的尊者大师不是宝贝那是什么

ཡ་ལ་འོ་ན་…ཇོ་བོ་ཐུགས་རྗེ་ཆེན་པོ་ནོར་བུ་མིན་ན་གང་ཡིན།

呀啦喔呐…那敬佩的尊者大师不是宝贝那是什么

ལྷ་སའི་ཇོ་བོ་ལ་ཞལ་གསེར་ལན་གསུམ་སྒྲོན་ཡ་ལ་ནས།

给拉萨尊者许下已久的愿望

འཛམ་གླིང་ཞི་བདེ་ཡོང་བའི་སྨོན་ལམ་ཡང་ཡང་བཏབ་ཡོད།

一再祈祷世界和平

ཡ་ལ་འོ་ན་…ནད་དང་མུ་གེ་མེད་པའི་སྨོན་ལམ་ཡང་ཡང་བཏབ་ཡོད།

呀啦喔呐…祈祷没有疾病和饥荒

ཡ་ལ་འོ་ན་…ནད་དང་མུ་གེ་མེད་པའི་སྨོན་ལམ་ཡང་ཡང་བཏབ་ཡོད།

呀啦喔呐…祈祷没有疾病和饥荒

展开