加载失败
VIP

马叫之音锅庄联唱二

ཚིག། མེ་གླང་རྡོར་ཆུང་།

词:梅朗多琼

དབྱངས། མེ་གླང་རྡོར་ཆུང་།

曲:梅朗多琼

ལེན་མཁན། མེ་གླང་རྡོར་ཆུང་།

演唱:梅朗多琼

གངས་རྩེ་མོ། སེང་གེ་ཕ་ས།

སེང་ལ་གཡུ་རལ་དེ། གངས་རིའི་དཀྱིལ་ནས་ངོམས་ཤོག།

དབུ་རྩེ་མཐོ། མི་འགྱུར་གཏན་ཤོག།

གཡུ་རལ་དར་མ་ང་། ཁ་བའི་དཀྱིལ་ནས་འགྲེམས་འགྲོ། །

雪顶 狮子之乡

狮子鬃毛 从雪山中露出来

顶头上司 绝对不变

成年鬃毛我 从雪中飘散

རྫ་རྩེ་མོ། འབྲོང་རྒོད་ཕ་ས།

འབྲོང་གི་ར་ཐུར་དེ། རྫ་རིའི་དཀྱིལ་ནས་ངོམས་ཤོག།

རི་རྫ་རི། སྨུག་པའི་གཏུམས་འདྲ། །

རྫ་སྟོད་བྲེ་སེར་ང་། རྭ་རྩེད་ངོམས་ནས་འགྲེམས་འགྲོ།

杂孜莫 野牛之乡

要把野牛的山羊从山岩中拿出来

山杂山 如雾笼罩

杂堆升黄 耍杂耍去展

སྡེ་སྟོད་ནས། བྲོ་བའི་ཕ་ས།

བྲོ་བའི་ཁ་ཤད་དེ། སྡེ་སྟོད་དཀྱིལ་ནས་ངོམས་ཤོག།

བྲོ་བ་རྣམས། ཡར་དར་བཀྲ་ཤིས། །

རྡོག་ར་སྒྲིག་པོ་དེ། བྲོ་ར་དེ་ལ་ཁྲོབས་ཤོག།

德堆——舞者之乡

舞者口吻 从得堆中显出

味道上达扎西

把整齐的步子 跳到舞池里来

༡ ཁ་བཤད།

བྱ་དེ་ཐང་དཀར་རྒོད་པོ། །

དགུང་སྔོན་དབྱིངས་སུ་འཕུར་སོང་། །

ཐང་དཀར་ཐུ་སྒྲོ་ཤིག་སེ། །

གཤོག་རྩེ་དགུང་དང་འགྲེམས་སོང་། །

བྲོ་བའི་བུ་ཆུང་ང་ཡང་། །

བྲོ་རའི་དཀྱིལ་ནས་འགྲིམས་འགྲོ། །

浅谈

雄鹰雄鸡

飞过蓝天

苍鹰身上羽毛斑驳

翼梢在空中展翅了

我也是舞女

在舞池中间穿行

ངག་གི་དབྱངས་རྟ་དེ། །

སོ་་་་་་སེས་ཉི་མ་འདྲ་བའི་ཡབ་ཡུམ་འབུལ། །

དྲིན་གྱི་བྱམས་སྐྱོང་དེ། །

སོ་་་་་་་ས་གར་སོང་བརྗེད་མེད་དམ་བཅའ་ཡིན། །

语言的旋律

我敬献太阳之父

恩慈

我念念不忘

སེམས་ཀྱི་བསྟོད་གླུ་དེ། །

སོ་་་་་་་དགུང་ཟླ་བ་འདྲ་བའི་དགེ་རྒན་འབུལ། །

དྲིན་གྱི་བཀའ་

སོ་་་་་་་་ཡུལ་གར་སོང་ཐུགས་ལ་བརྗེད་ཐབས་མེད། །

心中的赞歌

献上月亮一样的老师

恩典的教导

我念念不忘

སྙན་པའི་འགྱུར་ཁུག་དེ། །

སོ་་་་་་་་མཚན་སྐར་ཚོཊ་འདྲ་བའི་སྤུན་ཟླ་འབུལ། །

མཐུན་པའི་རིགས་བཟང་ཚོ། །

སོ་་་་་་་་་ས་ག་འགྲོ་ཡར་དར་བཀྲ་རེ་ཤིས། །

那悦耳的旋律

献上牙……夜群星兄弟

同好们

牙齿行走到处都是扎扎实实的

༢ ཁ་བཤད།

ལོ་ཆུང་ཆུང་དར་མའི་གཞོན་ནུ་ཚོ། །

སོ་སོ་བཅུ་སོ་གྲས་མ་འཐོར་གོང་། །

བྲོ་ཁྲབས་ན་ད་ལྟའི་དུས་ལ་ཁྲབས། །

གླུ་ལེན་ན་ལང་ཚོའི་དུས་ལ་ལེན། །

རྒས་ཚར་དུས་སེམས་ཀྱི་འགྱོད་པ་རེད། །

ཁྲོབས་ཤོག་ཁྲོབས་ཤོག་ཁྲོབས་ཤོགས། །

浅谈

少年成人青年

在自己十个人解散之前

跳舞跳到现在

唱歌唱青春

老了是心中的遗憾

跳起来

ཤར་ཕྱོགས་བཀྲ་ཤིས་ལ་ཡེ། །

ལ་རྩེ་ཡེ་ལ་གཟིགས་དང་། །

ཤ་བ་རྭ་བཅུ་རྒྱས་ན། །

རྩྭ་སྣ་འཛོམས་པའི་རྟེན་འབྲེལ། །

东方扎西耶

给玩叶看看

十角鹿长高

祝百草丰盛

ཤར་ཕྱོགས་བཀྲ་ཤིས་ལ་ཡེ། །

ལ་སྐད་ཡེ་ལ་གཟིགས་དང་། །

ཁུ་བྱུག་གསུང་སྐད་སྙན་ན། །

ཤིང་སྣ་འཛོམས་པའི་རྟེན་འབྲེལ། །

东方扎西耶

给语耶看吧

布谷鸟声音悦耳

祝树木繁茂

ཤར་ཕྱོགས་བཀྲ་ཤིས་ལ་ཡེ། །

ལ་སྨད་ཡེ་ལ་གཟིགས་དང་། །

ཉ་ཆུང་སེར་གཤོག་རྒྱས་ན། །

ཆུ་སྣ་འཛོམས་པའི་རྟེན་འབྲེལ། །

东方扎西耶

给麦叶看看

小鱼金翅高飞

祝水丰富

展开