གླུ་གཅིག་ལེན།
唱一首歌
གླུ་ཚིག་ བྱང་ཐང་ནོར་རྒྱལ།
作词:羌塘罗杰
དབྱངས། བྱང་ཐང་ནོར་རྒྱལ།
作曲:羌塘罗杰
歌手:羌塘罗杰
ཕ་ས་འབྲོག་ཐང་སེམས་ཀྱི་འཁོར་ས་ཡིན།།
那边是草原的心灵归宿
འབྲོག་མོ་ཆུང་ཆུང་སྙིང་གི་མེ་ཏོག་ཡིན།།
放牧的小姑娘胜似心中的花
རྟ་ནོར་ལུག་གསུམ་འཚོ་སའི་སྤང་ཐང་ནས།།
成群结队的牛羊奔放在草原上
ཁྱེད་རང་དྲན་པའི་མཛའ་གཞས་ཐེངས་གཅིག་ལེན།།
唱一首想念你的情歌
སྦྲ་ནག་གྲུ་བཞི་ཡིད་ཀྱི་འཚོ་ས་ཡིན།།
帐篷是心灵的港湾
ཁྱིམ་གྱི་བདག་མོ་སེམས་ཀྱི་དྲེན་ཤིང་ཡིན།།
家庭主妇是心灵的支柱
སྦྲང་དཀར་རྩམ་དྲི་བྲོ་སའི་ཕ་ཁྱིམ་ནས།།
充满温习的小家里
བདེ་སྐྱིད་དགོད་སྒྲའི་གྲུ་ཆུང་ཐེངས་གཅིག་ལེན།།
幸福的小艇唱了一遍
ངག་གི་འགྱུར་ཁུག་སྙན་པའི་གདངས་མེད་ཀྱང།།
虽然没有委婉动听的调子
པི་ཝང་རོལ་མོ་སེམས་ཀྱི་དབྱངས་རྟ་ཡིན།།
乐器是心灵的旋律
ཁྲོམ་ཆེན་འདུ་ར་ཚོགས་པའི་གར་སྟེགས་ནས།།
在广场集会的舞台上
དགའ་སྟོན་བསུ་པའི་དགྱེས་གླུ་ཐེངས་གཅིག་ལེན།།
唱一首热情欢迎的欢歌