ཞེ་འདང་གི་དྲན་པ། 思念
作词:果洛昂秀
作曲:旦正
演唱:奥尖才让
སྡེ་ཆེན་སྡེ་བའི་ཁ་རུ།།
སྤུན་དང་ན་ཟླས་བསྐོར་ཡང་།།
ཞེ་མཐུན་ཁྱོད་རང་དྲན་ན།།
སེམས་པ་གཅོང་གིས་ཟིན་འགྲོ།།
དྲན་དང་མ་དྲན་མི་བཤད།།
བཤད་ན་མིག་ཆུ་འཐོར་འགྲོ།།
ཚེ་འདིར་ཁྱོད་རང་དྲན་པ།།
སེམས་ཀྱི་གཏིང་ལ་ཉར་དགོས།།
大村口
虽被兄弟和同龄人包围
心念你
心中有病
想不想不说
说了就会掉眼泪
此生思念你
藏在心灵深处
ལོ་ཟླ་རྒས་པས་མི་སྐྱོན།།
མནའ་ཚིག་མེད་ན་ཆོག་གི།
ཁྱེད་རང་དྲན་པའི་ལོ་རྒྱུས།།
མི་འགྱུར་རུས་པའི་རྐང་ཡིན།།
སྡེ་བས་བཤད་ན་བཤད་ཆོག།
ང་རང་མྱི་ཁར་མི་སྐྲག།
ཁྱེད་རང་དྲན་ཐེངས་གཅིག་གིས།།
སེམས་ཀྱི་རྨ་ཁ་གཟེར་ཡོང་།།
岁月不嫌老
没有誓言就行了
想你的历史
人是骨子里的根
村上说就说
我不怕人
一想到你
心灵的创伤会痛
ཡ་ཆུང་གསང་བའི་ཁྱིམ་ན།།
བརྩེ་བའི་འོ་ཇ་བསྐོལ་ཡོད།།
ཞེ་འདང་མར་དཀར་རིལ་བུ།།
ཁྱེད་ཉིད་གཅིག་ལ་འཕེན་འདོད།།
རིན་ཆེན་གཡུ་ཆུང་དྲུག་དཀར།།
ང་ཡི་མགུལ་ལ་བཏག་ཡོད།།
འུ་གཉིས་ཁ་ཚིག་རི་མོ།།
ནམ་ཡང་སེམས་སུ་སྦས་ཡོད།།
小亚在秘家里
煮了爱的奶茶
心意白酥油丸
你想投一个
宝玉石六白
拴在我的脖子上
我俩的嘴画
永远藏在心里
ཁྱོད་ཀྱི་བློ་སེམས་དཀར་བ།།
ང་ཡི་ཞེ་རུ་སིམ་ཡོད།།
དྲན་པའི་ཕྱི་ཐག་རིང་པོ།།
བསྐལ་བའི་མཐའ་ལ་བསྐྱང་ཆོག།
དྲན་པ་རྫ་ལ་བཤད་ཡོད།།
དྲན་པ་སྨུག་པར་བསྐུར་ཡོད།།
ད་ལོའི་དབྱར་ཁ་ཚེས་དུས།།
ཉི་མ་ལྷ་སར་འཛོམ་ཆོག།
你的忠心
我沉浸在依稀之中
想的太远
可以天长地久
念杂说了
发自记忆雾
今年初夏
尼玛可以聚集在拉萨