སེམས་ཀྱི་སྐྱོ་རོགས།
心的悲伤
ཚིག བསྒྱུར་བཟོ།
词:定日普次
དབྱངས། བསྒྱུར་བཟོ།
曲:米玛加布
རམ་འདེགས། གླུ་མ་ཟླ་སྒྲོན།
辅助:歌手达珍
ལེན་མཁན། དེང་རི་ཕུར་ཚེ། མིག་དམར་རྒྱལ་པོ།
演唱:定日普次$米玛加布
དགུང་གི་ཁྲི་གདུང་ཉི་མ་
ལ་མོས་རྒྱབ་ལ་བཞུད་སོང་ལོ་
ཚེ་ཆེན་བཅོ་ལྔའི་ཟླ་བ་
ནམ་ཁའི་དཀྱིལ་ལ་བཞུགས་དང་
བུ་ང་ལ་སེམས་སྐྱོ་རོགས་མིནའདུག
ག་ལེར་འབབ་པའི་ཆུ་མོ་
འབབ་གིས་འབབ་གིས་ཡས་སོང་ལོ་
མཐའ་ཡས་རྒྱ་མཚོ་ཆེན་མོས་
ནམ་ཡང་འགྱུར་བ་མ་གནང་
བུ་ང་ལ་སེམས་སྐྱོ་རོགས་མིན་འདུག་
དབྱར་གསུམ་སྤང་ལ་བཞད་པའི་
མཛེས་པའི་སྤང་རྒྱན་མེ་ཏོག་
དབྱར་དགུན་འགྱུར་མེད་པའི་
འགྱུར་མེད་ལྷ་ཤིངགཤུགས་པ་
བུ་ང་ལ་སེམས་སྐྱོ་རོགས་མིན་འདུག་
~
ལྷ་བྱ་ཁྲུང་ཁྲུང་དཀར་མོ་
ལྷོ་ཡི་ཕྱོགས་ལ་འཕུར་སོང་ལོ་
བྲག་སྟོད་ཐང་དཀར་རྒོད་པོ་
ནམ་ཁའི་དབྱིངས་སུ་བཞུགས་དང་
བུ་ང་ལ་སེམས་སྐྱོ་རོགས་མིན་འདུག་
ཟང་ཟིང་གྲོང་འཁྱེར་ནང་དུ་
འགྲན་བརྩོད་འཚོ་བའི་ཆེད་དུ་
ཕོ་མོས་བརྩེ་དུང་མཛུན་མ་
གྲོགས་པོས་ལ་རྒྱ་མཛུན་མ་
བུ་ང་ལ་སེམས་སྐྱོ་རོགས་མིན་འདུག་
དྭངས་གཙང་སེམས་ཀྱི་བརྩེ་བ་
རྒྱུ་དང་དབང་གི་བླུས་སོང་
བདག་གི་དྲིན་ཅན་ཕ་མའི་
བྱམས་དང་བརྩེ་བའི་འོག་ནས་
བུ་ང་ལ་སེམས་པ་སྐྱོ་རོགས་གནང་དང་
~
ལྷ་བྱ་ཁྲུང་ཁྲུང་དཀར་མོ་
ལྷོ་ཡི་ཕྱོགས་ལ་འཕུར་སོང་ལོ་
བྲག་སྟོད་ཐང་དཀར་རྒོད་པོ་
ནམ་ཁའི་དབྱིངས་སུ་བཞུགས་དང་
བུ་ང་ལ་སེམས་སྐྱོ་རོགས་མིན་འདུག་
ཟང་ཟིང་གྲོང་འཁྱེར་ནང་དུ་
འགྲན་བརྩོད་འཚོ་བའི་ཆེད་དུ་
ཕོ་མོས་བརྩེ་དུང་མཛུན་མ་
གྲོགས་པོས་ལ་རྒྱ་མཛུན་མ་
བུ་ང་ལ་སེམས་སྐྱོ་རོགས་མིན་འདུག་
དྭངས་གཙང་སེམས་ཀྱི་བརྩེ་བ་
རྒྱུ་དང་དབང་གི་བླུས་སོང་
བདག་གི་དྲིན་ཅན་ཕ་མའི་
བྱམས་དང་བརྩེ་བའི་འོག་ནས་
བུ་ང་ལ་སེམས་པ་སྐྱོ་རོགས་གནང་དང་