དྲིན་ཆེན་ཕ་མ་ལྷ་ཡིན།
感恩父母
歌词:热巴
歌曲:罗萨
演唱:罗萨&班措
编曲:罗萨
海报设计:索南旦尕
གངས་རི་དཀར་པོའི་རྩེ་ལ།
སྤྲིན་དཀར་ཚོམ་བུ་ཚོམ་བུ།
ཕ་ཡུལ་ཕྱོགས་སུ་བསྐྱོད་དུས།
ཕ་ལོ་མ་ལོ་དྲན་བྱུང་།
དྲིན་ཕ་མའི་ལང་ཚོ་རྒས་ན་ཡང་།།
མདངས་བརྩེ་བའི་ཚིག་སྒོ་ཇེ་གསལ་རེད།
ཡིད་གངས་དཀར་སེམས་ཀྱི་ལྷ་ཆེན་པོ།
ངའི་རྒྱང་རིང་དྲིན་ཆེན་ཕ་མ་ཡིན།
~
དྲིན་ཆེན་ཕ་མ་ལྷ་ཡིན།
མི་ཚེ་འདི་ཡི་སྐྱིད་ཡིན།
ཕ་མའི་སྐུ་ཚེ་བརྟན་ན།
བུ་ཡི་སེམས་རྩ་དྲོད་ཡིན།
སྐུ་དྲིན་ནི་ཉི་ཟླ་རྙེད་མེད་ཡིན།།
བྱམས་སེམས་ནི་ནམ་མཁའ་སྔོན་པོ་ཡིན།
གཞིས་དྲོན་མོ་ཞིག་གི་སེམས་སྐྱིད་ལ།
དྲིན་ཕ་མ་ཡུན་རིང་བཞུགས་པར་སྨོན།
~
གཞས་ར་གཡུང་དྲུང་འཁྱིལ་བའི།
སྨོན་གླུ་དྲུག་འགྱུར་རིང་མོ།
ལུས་ངག་ཡིད་ཀྱི་མཆོད་པས།
དྲིན་ཆེན་ཕ་མར་ཕུལ་ཡོད།
སྐུ་ལུས་ནི་རི་རྒྱལ་ལྷུན་པོ་བཞིན།
ཐུགས་རྒྱུད་ནི་གཙང་ཆུ་སྔོན་མོ་བཞིན།
དུས་ནམ་ཡང་རྟག་ཏུ་བརྟན་པ་ཡི།
ཚེ་གང་གི་སྨོན་ལམ་ཁྱེད་ལ་འདེབས།